红珊瑚歌词

添加日期:2024-02-09 时长:02分33秒 歌手:Khampa学长

བྱུ་རུ་དམར་ཆུང་།
ཚིག བ་བྷེ།
དབྱངས། རྨ་གླིང་ལྷུན་གྲུབ།
ལེན་མཁན། མགོན་པོ་དོན་གྲུབ།
རོལ་མོ་དང་སྒྲ་ཕབ། ན་ན།

སྡེ་ཆེན་གྲོང་ན།
བྱུ་རུ་དམར་ཆུང་ཞིག
བུ་མོ་ཆུང་ཆུང་།
བྱུ་རུ་དམར་ཆུང་འདྲ།
སྐྱེས་གཟུགས་མཛེས་ལ་གཤིས་རྒྱུད་འཇམ།
སྐད་ངག་འཇམ་ཞིང་འཛུམ་མདངས་ཡག
བུ་མོ་ཆུང་ཆུང་།
བྱུ་རུ་དམར་ཆུང་འདྲ།

ཕར་ཁའི་སྤང་ན།
བྱུ་རུ་དམར་ཆུང་ཞིག
བུ་མོ་ཆུང་ཆུང་།
བྱུ་རུ་དམར་ཆུང་འདྲ།
སྐྲ་ལོ་ནག་ཅིང་དུང་སོ་དཀར།
མིག་ཟུང་གོར་ལ་ཞལ་རས་ཡག
བུ་མོ་ཆུང་ཆུང་།
བྱུ་རུ་དམར་ཆུང་འདྲ།

མི་ཚོགས་ཁྲོད་ན།
བྱུ་རུ་དམར་ཆུང་ཞིག
བུ་མོ་ཆུང་ཆུང་།
བྱུ་རུ་དམར་ཆུང་འདྲ།
དུངས་བ་ཟབ་ལ་ཁྲེལ་གཞུང་ལྡན།
ལང་ཚོ་རྒྱས་ཤིང་རྒྱན་ཆ་ཡག
བུ་མོ་ཆུང་ཆུང་།
བྱུ་རུ་དམར་ཆུང་འདྲ།编辑于2024/02/09更新
更多>

人气推荐

更多>

喜欢【Khampa学长】您也可能喜欢TA们的歌词…

更多>

最新歌词

Copyright @2011 - 2024 www.9ku.com
九酷音乐网 版权所有
ICP备案:黑ICP备2023008593号-1