谢旦2歌词

添加日期:2024-01-30 时长:02分50秒 歌手:岗坚巴藏歌

གཞས་པ་་ཤེར་བསྟན།
སྟོད་ཀྱི་རི་ནས་རླུང་རྟ་མཉམ་དུ་སྤུར།,
སྨད་ཀྱི་གྲོང་ནས་ཐོན་སྐྱེད་མཉམ་དུ་སྒྲུབ།,
ཁ་བ་གངས་རིའི་བདག་པོ་སྦྲ་ནག་བ།,
རང་ཚུགས་མཐུན་སྒྲིལ་ང་ཚོའི་འོས་འགན་ཡིན།,
སྐྱིད་ན་གླུ་གར་སྐོར་བྲོ་མཉམ་དུ་འཁྲབ།,
སྡུག་ན་མུག་ཆུ་དྲོན་མོ་མཉམ་དུ་བཏང་།,
ཐུ་བྷོད་ཆོས་སྲིད་བདག་པོ་གངས་ཅན་པ།,
སྐྱིད་སྡུག་མཉམ་དུ་ང་ཚོ་འོས་འགན་ཡིན།,
རྒྱས་ན་ཕོ་བྲང་དམར་པོ་མཉམ་དུ་བསྟོད།,
ཉམས་ན་སེམས་གསོའི་ཁ་ཏ་མཉམ་དུ་བྱེད།,
ཆོས་གསུམ་ཞིང་ཁམས་བདག་པོ་བོད་པ་ཚང་།,
རྡོག་རྩ་གཅིག་སྒྲིལ་ང་ཚོ་འོས་འགན་སོ་ཡིན།,
དགའ་ན་རང་དབང་བདུད་རྩི་མཉམ་དུ་རོལ།,
སྐྱོ་ན་མཆོག་གསུམ་གསོལ་བ་མཉམ་དུ་འདེབས།,
རྨད་བྱུང་རིག་གཞུང་བདག་པོ་ཆོལ་གསུམ་པ།,
དགའ་སྐྱིད་དཔུང་རྡང་ང་ཚོའི་འོས་འགན་ཡིན།编辑于2024/01/30更新
更多>

人气推荐

更多>

喜欢【岗坚巴藏歌】您也可能喜欢TA们的歌词…

更多>

最新歌词

Copyright @2011 - 2024 www.9ku.com
九酷音乐网 版权所有
ICP备案:黑ICP备2023008593号-1