心灵的依靠姐妹 (成立措、多吉叶措)歌词

添加日期:2024-01-05 时长:03分55秒 歌手:藏族群星

作词 : 岗尖土登扎西
作曲 : 罗萨
成立措:
སྦྲ་སྨུག་ཆུང་སྐྱིད་ཀྱི་གཞི་མ་ལ།།
གཡང་ཁ་འཛིན་འཛོམས་པའི་རྟེན་འབྲེལ་ལ།།
སྐྱིད་ཉི་མ་འདྲ་བའི་ཁ་རྒྱན་ལ།།
ངེད་ལྕམ་སྲིང་འཛོམས་པའི་དགའ་བ་ལ།།
多吉叶措:
ལྷས་གྲུ་བཞི་འོ་མའི་རྒྱ་མཚོ་ལ།།
འབྲི་མཛོ་མོ་བཞོ་བའི་བསོད་ནམས་ལ།།
གཡང་མཚོ་མོ་འདྲ་བའི་འགྲན་ངོགས་ན།།
ངེད་ལྕམ་སྲིང་འཛོམས་པའི་སྐྱིད་པ་ལ།།
成立措:
ཁྱིམ་ཀ་བཞི་གདུང་དྲུག་ཕ་མས་གནང་།།
ནོར་ཚེ་ནོམ་བརྩེགས་པའི་བསོད་ནམས་ལ།།
སྐྱིད་ལྷ་ངོ་འཕྲོད་པའི་རྟེན་གཞི་ལ།།
ངེད་ལྕམ་སྲིང་འཛོམས་པའི་ཚེ་བསོད་རྒྱས།།
多吉叶措:
ངག་གླུ་དབྱངས་འགུག་པའི་ཁྲོམ་ཆེན་ན།།
སྙན་ཁུ་བྱུག་གྲགས་འདྲའི་དགའ་སྟོན་ལ།།
འཛུམ་མེ་ཏོག་འཁྲུངས་བའི་སྤང་ལྗོངས་ལ།།
ངེད་ལྕམ་སྲིང་འཛོམས་པའི་སྣང་བ་སྐྱིད།།
合:
བོད་ཆོལ་གསུམ་སྐྱིད་པའི་སྨོན་ལམ་ལ།།
ཆོས་རིག་གཞུང་དར་བའི་ཚེ་ནོམ་ལ།།
ངེད་ལྕམ་སྲིང་འཛོམས་པའི་དཔལ་གཡང་ལ།།
ངག་སྙན་མོ་གླུ་ཡི་མཆོད་པ་འབུལ།།
ངག་སྙན་མོ་གླུ་ཡི་མཆོད་པ་འབུལ།།编辑于2024/01/05更新
更多>

人气推荐

更多>

喜欢【藏族群星】您也可能喜欢TA们的歌词…

更多>

最新歌词

Copyright @2011 - 2024 www.9ku.com
九酷音乐网 版权所有
ICP备案:黑ICP备2023008593号-1