空歌词
添加日期:2023-12-24 时长:03分47秒 歌手:仁多尔
空 - 仁多尔
词:牧人德加
曲:仁多尔
编曲:仁多尔
录音后期:仁青东智
ནམ་ཡིན་ཡང་། ཧམ་སེམས་ལ་ཚར་རྒྱུ་ཆེ་ཡོད།
ནམ་ཡིན་ཡང་། འདོད་པ་ལ་ཚིམ་རྒྱུ་ཆེ་ཡོད།
ཆང་འཐུང་ནས་བཟི །
བཟི་དྭངས་ནས་འགྱོད།
ང་དགའ་ས།
ང་དུང་ས།
ང་སྐྱིད་ས།
ང་སྤྲོ་ས།
དུང་ས་དགའ་ས།
ཆང་ཁང་རྒྱན་ཁང་།
འགོག་གི་མ་འདུག
གོམ་གང་སྤོས་ནས།
མིང་དུ་གྲགས་དགོས།
དགའ་ཕྱོགས་གཅིག་ལས་མེད།
འོ་ཧམ་འདོད་ཆེན་པོ་ཡོད།
རིན་ཐང་སེམས་ནས་བརྗེད།
བདེ་ཐང་རྒྱབ་ལ་གཡུག
དབང་བ་ནི་གང་ཡིན།
ཐོབ་པ་ནི་གང་ཡིན།
མི་ལ་ལ་བཟི་ཁྱོམ་ཁྱོམ །
མི་ལ་ལ་ངུ་ཅོར་ཅོར།
འཛུམ་མདངས་ལ་ཚར་རྒྱུ་མེད།
དགའ་སྣང་ལ་ཚར་རྒྱུ་མེད།
རིན་ཐང་ཉག་ཙམ་མེད་པའི་འཚོ་བ།
ཧམ་སེམས་ལ་ཚར་རྒྱུ་མེད།
འདོད་པ་ལ་ཚིམ་རྒྱུ་མེད།
མི་ཚེ་སྟོང་ཟད་ཀྱི་འཚོ་བ།
ལེ་ལོ་དོར་དགོས།
རེ་བ་འགྲུབ་དགོས།
སྤྱོད་ངན་སྤང་དགོས།
ཕུགས་བསམ་མངོན་དགོས།
ལས་དབང་གི་ཆུང་གྲོགས།
ད་ནི་སྙིང་ལ་རུས་པ་ཡོད།
མགོ་ལ་ཀླད་པ་ཡོད།
རང་ལ་ཤ་ཚ་ཡོད་པ་ཞིག་ཡིན་ན།
སྔ་སྤྱོད་ལ་འགྱོད་པ་སྐྱེ་རན་འདུག སྐྱེ་རན་འདུག
ད་སྤྱོད་ལ་ཤུ་རེ་བྱེད་དགོས་འདུག བྱེད་དགོས་འདུག
བོར་བ་ནི་གང་ཡིན།
ཡོད་པ་ནི་གང་ཡིན།
མི་ལ་ལར་རྒྱལ་ཁ་ཐོབ།
མི་ལ་ལས་ཕམ་ཁ་མྱོས།
འཛུམ་མདངས་ལ་ཚར་རྒྱུ་མེད།
དགའ་སྣང་ལ་ཚར་རྒྱུ་མེད།
རིན་ཐང་ཉག་ཙམ་མེད་པའི་འཚོ་བ།
ཧམ་སེམས་ལ་ཚར་རྒྱུ་མེད།
འདོད་པ་ལ་ཚིམ་རྒྱུ་མེད།
མི་ཚེ་སྟོང་ཟད་ཀྱི་འཚོ་བ།
དགའ་ཕྱོགས་གཅིག་ལས་མེད།
འོ་ཧམ་འདོད་ཆེན་པོ་ཡོད།
རིན་ཐང་སེམས་ནས་བརྗེད།
བདེ་ཐང་རྒྱབ་ལ་དོར།
བོར་བ་ནི་གང་ཡིན།
ཡོད་པ་ནི་གང་ཡིན།
མི་ལ་ལར་རྒྱལ་ཁ་ཐོབ།
མི་ལ་ལས་ཕམ་ཁ་མྱོས།
འཛུམ་མདངས་ལ་ཚར་རྒྱུ་མེད།
དགའ་སྣང་ལ་ཚར་རྒྱུ་མེད།
རིན་ཐང་ཉག་ཙམ་མེད་པའི་འཚོ་བ།
ཧམ་སེམས་ལ་ཚར་རྒྱུ་མེད།
འདོད་པ་ལ་ཚིམ་རྒྱུ་མེད།
མི་ཚེ་སྟོང་ཟད་ཀྱི་འཚོ་བ།编辑于2023/12/24更新
Copyright @2011 - 2025 www.9ku.com
九酷音乐网 版权所有
不提供下载及不提供任何下载链接,档案仅作低品质试听,本站充分的认识到保护音乐版权的重要性;
由于音乐来自网友通过共享上传,本站未及一一审核,如有侵犯版权请及时电邮并出示版权证明,我们将在24小时内删除。