乡恋歌词

添加日期:2023-10-06 时长:03分42秒 歌手:旦曲阿帝

作词 : 旦曲阿帝
作曲 : 旦曲阿帝
ཚིག་གདངས། བསྟན་ཆོས་ཨ་ཏིས།
གཞས་གཏོང་མཁན། བསྟན་ཆོས་ཨ་ཏིས།
མཛེས་པའི་མེ་ཏོག་ས་བོན།
གངས་ལྗོངས་ཡུལ་ལ་བཞད་སོང་།
ཁ་བ་མར་མར་འབབ་དུས།
ཕ་ཡུལ་ཡིད་ལ་དྲན་བྱུང་།
ཕོ་བྲང་པོ་ཏ་ལ་དེ།
དེ་འདྲའི་བརྗིད་ཆགས་ཡིད་འོང་།
ཕོ་བྲང་པོ་ཏ་ལ་དེ།
འོ། དེ་འདྲའི་བརྗིད་ཆགས་ཡིད་འོང་།
ཨོ་་་་ཧོ་་་་་་་་་ཨོ་་་་ཧོ་་་་་་་་་
མཛེས་པའི་ཕ་ཡུལ་བཀྲ་ཤིས་ཡོང་བའི།
བཀྲ་ཤིས་སྨོན་འདུན་བུ་ངས་ལན་གསུམ་བརྒྱབ་ཡོད།
མཛེས་པའི་ཕ་ཡུལ་བཀྲ་ཤིས་ཡོང་བའི།
བཀྲ་ཤིས་སྨོན་འདུན་བུ་ངས་ལན་གསུམ་བརྒྱབ་ཡོད།
གཞས་ཚིག་སྒྲིག་བཟོ། འཕྱོངས་རྒྱས་བསོད་དབང་།
ཆུ་མོ་ཤང་ཤང་རྒྱུག་པའི།
ལྷ་སའི་སྐྱིད་ཆུ་སྔོན་མོ།
དཔྱིད་ཀ་ཤར་བའི་དུས་སུ།
ཁུ་བྱུག་ལོག་ནས་ཕེབས་བྱུང་།
ཡར་ཀླུང་གཙང་པོ་དེ་ནི།
ང་ཡི་ཁྲག་རྒྱུན་ཡིན་ནོ།
ཡར་ཀླུང་གཙང་པོ་དེ་ནི།
འོ། ང་ཡི་ཁྲག་རྒྱུན་ཡིན་ནོ།
ཨོ་་་་ཧོ་་་་་་་་་ཨོ་་་་ཧོ་་་་་་་་་
སེམས་བཟང་གངས་ལྟར་དཀར་བའི་ཕ་མ་ཚོ།
སྐུ་གཟུགས་གསལ་ཐང་ཡོང་བའི་སྨོན་འདུན་ཞུས་ཡོད།
སེམས་བཟང་གངས་ལྟར་དཀར་བའི་ཕ་མ་ཚོ།
སྐུ་གཟུགས་གསལ་ཐང་ཡོང་བའི་སྨོན་འདུན་ཞུས་ཡོད།
ཨོ་་་་ཧོ་་་་་་་་་ཨོ་་་་ཧོ་་་་་་་་་
མཛེས་པའི་ཕ་ཡུལ་བཀྲ་ཤིས་ཡོང་བའི།
བཀྲ་ཤིས་སྨོན་འདུན་བུ་ངས་ལན་གསུམ་བརྒྱབ་ཡོད།
སེམས་བཟང་གངས་ལྟར་དཀར་བའི་ཕ་མ་ཚོ།
སྐུ་གཟུགས་གསལ་ཐང་ཡོང་བའི་སྨོན་འདུན་ཞུས་ཡོད།
སྐུ་གཟུགས་གསལ་ཐང་ཡོང་བའི་སྨོན་འདུན་ཞུས་ཡོད།编辑于2023/10/06更新
更多>

人气推荐

更多>

喜欢【旦曲阿帝】您也可能喜欢TA们的歌词…

更多>

最新歌词

Copyright @2011 - 2024 www.9ku.com
九酷音乐网 版权所有
ICP备案:黑ICP备2023008593号-1