感恩歌词

添加日期:2023-09-02 时长:03分55秒 歌手:旦曲阿帝

作词 : 旦曲阿帝
作曲 : 旦曲阿帝
ཚིག བསྟན་ཆོས་ཨ་ཏིས།
གདངས། བསྟན་ཆོས་ཨ་ཏིས།
གཞས་གཏོང་མཁན། བསྟན་ཆོས་ཨ་ཏིས།
གཞས་ཚིག་སྒྲིག་བཟོ། འཕྱོངས་རྒྱས་བསོད་དབང་།
དེ་རིང་དུས་བཟང་ཉིན་མོ།
དགའ་མི་ལྷན་རྒྱས་འཛོམས་སོང་།
བརྩེ་བའི་Guitarའཁྱེར་ནས་གླུ་འདི་ལེན།
ཚང་མའི་སྐད་སྒྲའི་དཀྱིལ་ནས།
བུ་ངའི་རྨི་ལམ་མངོན་སོང་།
ལམ་དེའི་སྟེང་ལ་ཁྱེད་རྣམས་མེད་ཐབས་མེད།
ཐུགས་ཆེ་གནང་། པ་ལགས།
ཁྱེད་ཀྱི་བསླབ་བྱ་བརྗེད་མི་སྲིད།
ཐུགས་ཆེ་གནང་། ཨ་མ་ལགས།
ཁྱེད་ཀྱི་བྱམས་སྐྱོང་བརྗེད་མི་སྲིད།
ཐུགས་ཆེ་གནང་། གྲོགས་པོ།
ཁྱེད་ཀྱི་རྒྱབ་སྐྱོར་བརྗེད་མི་སྲིད།
ཐུགས་ཆེ་གནང་། ཁྱེད་རྣམས།
ཁྱེད་རྣམས་ང་ཡི་སྙིང་གི་སྟོབས་ཤུགས།
ལ་་་་་་ལ་་་་་ལ་་་་་
ང་ཚོ་མཉམ་དུ་དགའ་བའི་གླུ་དེ་གཅིག་ལེན་དང་།
ལ་་་་་་ལ་་་་་ལ་་་་་
ཁྱེད་རྣམས་དུས་ནམ་ཡང་དགའ་སྤྲོའི་འཛུམ་མདངས་བཞད་པར་ཤོག
ཆུང་བྱིས་པའི་དུས་ནས་གླུ་གཞས་ལ་དགའ་བའི་བུ་ཆུང་ཨ་ཏིས།
དུས་ནམ་ཡང་གླུ་གཞས་ལ་བཅངས་པའི་བརྩེ་སེམས་དེ་ནི་འགྱུར་བ་མེད།
ད་བར་དུ་གླུ་གཞས་འགྲན་བསྡུར་མང་པོ་ཞིག་གི་ནང་ལ་བཞུགས་ནས།
རང་ཉིད་ཀྱི་མི་ཚེའི་རྨི་ལམ་མངོན་འགྱུར་ཆེད་དུ་འབད་བརྩོན་བྱས།
གླུ་གཞས་ཀྱི་ལམ་བུའི་སྟེང་ལ་དཀའ་ལས་དཀའ་ངལ་ག་ཚོད་འཕྲད་ཀྱང་།
དུས་རྟག་ཏུ་ང་ཡི་གླུ་གཞས་ལ་རྒྱབ་སྐྱོར་གནང་མཁན་གྱི་ཕ་མ་སྤུན་མཆེད།
གྲོགས་པོ་གྲོགས་མོ་ཁྱེད་རྣམས་ངའི་སེམས་གཏིང་གི་སྟོབས་ཤུགས་ཡིན་པས།
ཐུགས་ཆེ་གནང་ཞུ་རྒྱུ་ཡིན།
ཐུགས་ཆེ་གནང་། པ་ལགས།
ཁྱེད་ཀྱི་བསླབ་བྱ་བརྗེད་མི་སྲིད།
ཐུགས་ཆེ་གནང་། ཨ་མ་ལགས།
ཁྱེད་ཀྱི་བྱམས་སྐྱོང་བརྗེད་མི་སྲིད།
ཐུགས་ཆེ་གནང་། གྲོགས་པོ།
ཁྱེད་ཀྱི་རྒྱབ་སྐྱོར་བརྗེད་མི་སྲིད།
ཐུགས་ཆེ་གནང་། ཁྱེད་རྣམས།
ཁྱེད་རྣམས་ང་ཡི་སྙིང་གི་སྟོབས་ཤུགས།
ལ་་་་་་ལ་་་་་ལ་་་་་
ང་ཚོ་མཉམ་དུ་དགའ་བའི་གླུ་དེ་གཅིག་ལེན་དང་།
ལ་་་་་་ལ་་་་་ལ་་་་་
ཁྱེད་རྣམས་དུས་ནམ་ཡང་དགའ་སྤྲོའི་འཛུམ་མདངས་བཞད་པར་ཤོག
ཁྱེད་རྣམས་ང་ཡི་སྙིང་གི་སྟོབས་ཤུགས།
ད་བར་དུ་ངའི་གླུ་གཞས་ལམ་བུའི་སྟེང་ལ།
རྒྱབ་སྐྱོར་གནང་མཁན་གྱི་ཁྱེད་རྣམས་ཚོར།
སྙིང་ཐག་པ་ནས་ཐུགས་ཆེ་གནང་ཞུ་རྒྱུ་ཡིན།编辑于2023/09/02更新
更多>

人气推荐

更多>

喜欢【旦曲阿帝】您也可能喜欢TA们的歌词…

Copyright @2011 - 2025 www.9ku.com
九酷音乐网 版权所有
不提供下载及不提供任何下载链接,档案仅作低品质试听,本站充分的认识到保护音乐版权的重要性;
由于音乐来自网友通过共享上传,本站未及一一审核,如有侵犯版权请及时电邮并出示版权证明,我们将在24小时内删除。