思念_Master_02歌词

添加日期:2023-08-23 时长:04分05秒 歌手:岗嘎措

作词 : 才让多杰
作曲 : 扎西才旦/岗嘎措
编曲:扎西才旦
མཐོ་ཞིང་མཐོ་བ་གངས་ཀྱི་རྩེ་མོ་ཨ་སྔོན་དབྱིངས་སུ་ཟུག།
ཚེ་རབས་སྔོན་མའི་ལས་ཀྱི་དབང་གིས་ཁ་བའི་ཡུལ་དུ་སྐྱེས།།
སྐལ་བཟང་དུས་དེར་ལན་གཅིག་འཛོམས་པའི་ང་ཡི་ཡིད་འཕྲོག་ལཊ།།
བར་ཞིག་བྲལ་དགོས་བྱུང་དུས་ཡ་ཆུང་སེམས་འདི་མུན་པས་མནན།།
ཨ།
ཡ་ཆུང་སེམས་འདི་མུན་པས་མནན།།
ཡངས་ཤིང་ཆེ་བ་རྩྭ་ཐང་སྔོན་མོ་གནམ་སའི་དབར་ལ་འདྲེས།།
བསོད་ནམས་ཅན་གྱི་ཡུལ་ནས་འཚོ་ཞིང་ཡིག་དྲུག་ངག་དུ་གྱེར།།
གཡེར་མོ་སྤང་ནས་མཛའ་གཞས་ལེན་པའི་བརྩེ་ལྡན་གཞོན་ནུ་ལཌ།།
རྩེད་ར་གྲུ་བཞི་བརྒལ་ནས་ཆ་མེད་ཡུལ་ཕྱོཌ་གངས་དུ་སོང་།།
འདུ་བྲལ་ཆོས་འདི་བསྒྱུར་དུ་མེད་དོ་འཁོར་བའི་མཚན་ཉིད་རེད།།
ཉིན་མཚན་ཀུན་དུ་ཡིད་ལ་འཁོར་བ་དང་བོའི་འཛུམ་དེ་རེད།།
ལྷ་ལ་ཞུས་པའི་སྨོན་ལམ་ཡག་ན་འདི་དང་ཕྱི་མ་ཡང་།།
ལྷན་གཅིག་འཛོམས་པའི་སྐལ་བ་ལོས་ཡོད་ང་ཡི་སེམས་ཀྱི་མི།།
ཨ།
ལོས་ཡོད་ང་ཡི་སེམས་ཀྱི་མི།།
ལྷ་ལ་ཞུས་པའི་སྨོན་ལམ་ཡག་ན་འདི་དང་ཕྱི་མ་ཡང་།།
ལྷན་གཅིག་འཛོམས་པའི་སྐལ་བ་ལོས་ཡོད་ང་ཡི་སེམས་ཀྱི་མི།།
ཨ།
ལོས་ཡོད་ང་ཡི་སེམས་ཀྱི་མི།།编辑于2023/08/23更新
更多>

人气推荐

更多>

喜欢【岗嘎措】您也可能喜欢TA们的歌词…

更多>

最新歌词

Copyright @2011 - 2024 www.9ku.com
九酷音乐网 版权所有
ICP备案:黑ICP备2023008593号-1