末日之歌歌词

添加日期:2023-05-09 时长:03分56秒 歌手:巴金旺甲

作词 : 嘎代才让
作曲 : 巴金旺甲
编曲 : 旦旦
དུས་མཐའི་གླུ
ཚིག ནག་པོ།
གདངས། དཔལ་ཆེན་དབང་རྒྱལ།
གཞས་པ། དཔལ་ཆེན་དབང་རྒྱལ།
ཆོས་ལ་བཟང་པོ།
ཡུལ་ལ་བཟང་པོ།
བླ་མ་བཟང་པོ་མཁྱེན།
ཨོ་་་ ་་་
ཧེ་་་ ་་་
སུ་དང་གང་གིས་མཐོང་བར་དཀའ་བའི་འདི་ཕྱི་ཡི་དཀར་ནག
སུ་དང་གང་གིས་ཐོས་པར་དཀའ་བའི་བར་དོ་ཡི་སྒྲ་དབྱངས།
སུ་དང་གང་གིས་རྙེད་པར་དཀའ་བའི་འཚོ་གནས་ཀྱི་སྙིང་བོ།
སུ་དང་གང་གིས་བཟློག་པར་དཀའ་བའི་འཇིག་རྟེན་གྱི་ཆོས་ཉིད།
སུ་དང་གང་གིས་མཐོང་བར་དཀའ་བའི་སྒྱུ་མ་ཡི་ཆོ་འཕྲུལ།
སུ་དང་གང་གིས་ཐོས་པར་དཀའ་བའི་མཁར་གྱང་གི་འཁུན་སྒྲ།
སུ་དང་གང་གིས་རྙེད་པར་དཀའ་བའི་གདོད་མ་ཡི་རྨི་ལམ།
སུ་དང་གང་གིས་བཟློག་པར་དཀའ་བའི་སྟོང་དབྱིངས་འདིའི་གོད་ཆག
ཨོ་་་ ་་་
ཧེ་་་ ་་་
འཆི་བ་མི་རྟག་པ། འཆི་བ་མི་རྟག་པ།
དགེ་སྡུག་གི་ངོ་བོ། དུས་གཅིག་ཏུ་སྒོམ།
མུན་ནག་གི་གཤོག་པ། མེ་ལྕེ་ཡིས་སྲེགས།
ཁྱོད་རང་ཡོང་གིན་པའི་དུས་ལ། ས་གཡོས་བྱུང་། ས་གཡོས་བྱུང་།
ཁྱོད་རང་ཡོང་གིན་པའི་དུས་ལ། ཆུ་བྲུག་བྱུང་། ཆུ་བྲུག་བྱུང་།
སྨྲ་ལྕེ་རལ་ནས་འདུག སྨྲ་ལྕེ་རལ་ནས་འདུག
ངུ་ཟུག་གི་ཞལ་རས། ལྟོགས་སྐོམ་གྱིས་མནར།
ལུང་བསྟན་གྱི་མིག་ཟུང། ལམ་སྐབས་ནས་རུབ།
ང་རང་ཡོང་གིན་པའི་དུས་ལ། མེ་འབར་བྱུང། མེ་འབར་བྱུང་།
ང་རང་ཡོང་གིན་པའི་དུས་ལ། རླུང་ལྡང་བྱུང་། རླུང་ལྡང་བྱུང་།
ཧེ་་་ ་་་
སུ་དང་གང་གིས་རྙེད་པར་དཀའ་བའི་གདོད་མ་ཡི་རྨི་ལམ།
སུ་དང་གང་གིས་བཟློག་པར་དཀའ་བའི་སྟོང་དབྱིངས་འདིའི་གོད་ཆག
ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས།
འགལ་རྐྱེན་བར་ཆད་མི་འབྱུང་ཞིང་།
མཐུན་རྐྱེན་བསམ་པ་འགྲུབ་པ་དང་།
མཆོག་དང་ཐུན་མོང་དངོས་གྲུབ་སྩོལ།
སུ་དང་གང་གིས་མཐོང་བར་དཀའ་བའི་འདི་ཕྱི་ཡི་དཀར་ནག
སུ་དང་གང་གིས་ཐོས་པར་དཀའ་བའི་བར་དོ་ཡི་སྒྲ་དབྱངས།
སུ་དང་གང་གིས་རྙེད་པར་དཀའ་བའི་འཚོ་གནས་ཀྱི་སྙིང་བོ།
སུ་དང་གང་གིས་བཟློག་པར་དཀའ་བའི་འཇིག་རྟེན་གྱི་ཆོས་ཉིད།
སུ་དང་གང་གིས་མཐོང་བར་དཀའ་བའི་སྒྱུ་མ་ཡི་ཆོ་འཕྲུལ།
སུ་དང་གང་གིས་ཐོས་པར་དཀའ་བའི་མཁར་གྱང་གི་འཁུན་སྒྲ།
སུ་དང་གང་གིས་རྙེད་པར་དཀའ་བའི་གདོད་མ་ཡི་རྨི་ལམ།
སུ་དང་གང་གིས་བཟློག་པར་དཀའ་བའི་སྟོང་དབྱིངས་འདིའི་གོད་ཆག
ཆོས་ལ་བཟང་པོ།
ཡུལ་ལ་བཟང་པོ།
བླ་མ་བཟང་པོ་མཁྱེན།
ཨོ་་་ ་་་
ཧེ་་་ ་་་
སུ་དང་གང་གིས་མཐོང་བར་དཀའ་བའི་སྒྱུ་མ་ཡི་ཆོ་འཕྲུལ།
སུ་དང་གང་གིས་ཐོས་པར་དཀའ་བའི་མཁར་གྱང་གི་འཁུན་སྒྲ།
སུ་དང་གང་གིས་རྙེད་པར་དཀའ་བའི་གདོད་མ་ཡི་རྨི་ལམ།
སུ་དང་གང་གིས་བཟློག་པར་དཀའ་བའི་སྟོང་དབྱིངས་འདིའི་གོད་ཆག编辑于2023/05/09更新
更多>

人气推荐

更多>

喜欢【巴金旺甲】您也可能喜欢TA们的歌词…

更多>

最新歌词

Copyright @2011 - 2024 www.9ku.com
九酷音乐网 版权所有
ICP备案:黑ICP备2023008593号-1